རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལྟ་ཞིབ་ལས་དོན་སྤེལ་རྒྱུ་ཡིན། རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལྟ་ཞིབ་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། 2023ལོའི་ཟླ་9ཚེས་7ཉིན་ནས་ཟླ་9ཚེས་27ཉིན་བར་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཙུའུ་བཞི་པས་ནག་ཆུ་གྲོང་ཁྱེར་དུ་རེས་སྐོར་གཉིས་པའི་དུས་ཁག་དང་པོའི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལྟ་ཞིབ་ལས་ཀ་སྤེལ་རྒྱུ་ཡིན།ཡིག་སྐུར་ཞུ་བཅར་གྱི་བདག་སྤྲོད་ཁྱབ་ཁོངས། ནག་ཆུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁ་པར་དང་ཡིག་སྐུར་ཞུ་བཅར་དེ་བཞིན་ཐེར་འདོན་ལ་བདག་སྤྲོད་བྱེད་རྒྱུ་དང་། བདག་སྤྲོད་ཁྱབ་ཁོངས་སུ་ཚུད་མེད་པའི་ཡིག་སྐུར་ཞུ་བཅར་དང་ཐེར་འདོན་གནད་དོན་གཞན་དག་གཏན་འབེབས་ལྟར་ནག་ཆུ་གྲོང་ཁྱེར་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན།ལྟ་ཞིབ་བྱེད་རིང་། ལྟ་ཞིབ་ཙུའུ་ཡི་ཆེད་དམིགས་ཁ་པར་ནི་0896-3963166ཡིན་པ་དང་། ཆེད་དམིགས་སྦྲག་སྲིད་ཡིག་སྒམ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲག་སྲིད་ཅུད་ཨང་རྟགས་A001ཡིན།
བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཙུའུ་བཞི་པ་ནས།2023ལོའི་ཟླ་9ཚེས་8ཉིན་ལ།
ལྟ་ཞིབ་ཙུའུ་ཡིས་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི། ཉིན་རེའི་09:30ནས་21:30བར་ཡིན་པ་དང་ཡིག་སྐུར་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚད་ནི་ཟླ་9ཚེས་27ཉིན་བར་ཡིན།
རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་རྣམ་པས་ཡིག་སྐུར་དང་ཁ་པར་ཐོག་ནས་གནད་དོན་གོང་ཞུ་དང་ཁུངས་སྣེ་མཁོ་འདོན་གནང་རྒྱུར་དགའ་བསུ་ཞུ།
བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཙུའུ་བཞི་པ་ནས།2023ལོའི་ཟླ་9ཚེས་8ཉིན་ལ།